ཤེར་བསྟན་དང་རྡོ་རྗེ་དོན་གྲུབ༼སྤུན་ཟླའི་འདང།༽謝旦&多吉東周《兄弟之情》

藏族音樂2019-02-10 20:18:15


བོད་ཀྱི་རོལ་དབྱངས་ནི་གཙོ་བོ་རྒྱ་ཆེ་བའི་བོད་རིགས་རོལ་དབྱངས་ལ་དུང་བ་ཡོད་པ་དག་ལ་སྤུས་ལེགས་པའི་རོལ་དབྱངས་ཞབས་ཞུ་འདོན་སྤྲོད་དང་། དུས་ཐོག་ཏུ་གསན་མཁན་ལྷན་རྒྱས་ཀྱི་བོད་ཀྱི་རོལ་དབྱངས་ཐད་ལ་བླང་བྱ་གང་ཡོད་བསྐང་ཕྱིར། གང་ས་གང་ནས་གསན་མཁན་ལྷན་རྒྱས་དང་མཉམ་སྐུལ་དང་། གྲོས་གཞི་གང་ལེགས་ཧུར་ལེན་བགྱིས་ཏེ། རིམ་གྱིས་རང་སྟེང་གི་ཞན་ཆ་འཐུས་ཚང་དུ་གཏོང་རྒྱུ་ལགས་སོ།།

主要是為廣大的藏族音樂愛好者提供品質優良的音樂服務,及時滿足在藏族音樂方面的要求,隨時隨地與聽眾互動,積極採納良好建議。逐步完善自身不足。


  ཤེར་བསྟན་དང་རྡོ་རྗེ་དོན་གྲུབ༼སྤུན་ཟླའི་འདང།༽

བོད་རིགས་རོལ་དབྱངས་ཀྱི་སྨོན་འདུན་ཚང་མ་ལུས་ཕུང་བདེ་ཐང་ལ་བཀྲ་ཤིས་བདེ་ལེགས། 

སྤུན་ཟླའི་འདང་།

ཚིག  སྨིན་ཕུར།

དབྱངས།  ཤེར་བསྟན།

ལེན་མཁན། ཤེར་བསྟན་དང་རྡོ་རྗེ་དོན་གྲུབ།

ཕན་ཚུན་བརྩེ་བ་ཟབ་པའི་ནུ་བོ་ལགས།།

བསམ་དཀར་གཡོ་སྒྱུ་ཆུང་བ་མི་ཡི་མཆོག།

ངང་བཟང་ཕྱི་ཐག་རིང་ཞིང་ཟུང་ཐུབ་མཁན།།

སྤུན་གྱི་ཡང་རྩེ་ཡིན་པ་སེམས་ལ་ཟུངས།།

ལྷག་བསམ་དུང་ལས་དཀར་བའི་ཕུ་བོ་ལགས།།

ལས་སྨོན་བཟང་པོ་ཞིག་གིས་ངེད་གཉིས་མཇལ།།

སྐལ་བ་བཟང་པོའི་དུས་སུ་ལྷན་འཛོམས་བྱུང་།།

དགའ་བའི་སྙིང་གི་སྤུན་མཆེད་ཁྱེད་རང་ཡིན།།

བརྩེ་བ་ལྷད་དང་མ་འདྲེས་རྡོ་རྗེའི་གཤིས།།

ཨ་གསར་གཡོ་སྒྱུ་དོར་ཞིང་སྙིང་གི་གྲོགས།།

དུང་བ་གང་གིས་མི་མཚོན་སྤུན་ཟླའི་འདང་།།

འགྱུར་མེད་གཡུང་དྲུང་རིས་སུ་བརྟན་པར་སྨོན།།

དེ་རིང་ཕུ་ནུ་འཛོམས་པའི་གླུ་སྐད་འདི།།

ཡ་ཆུང་སེམས་ནས་ཐོན་པའི་དབྱངས་རྟ་ཡིན།།

གངས་རིའི་ལྗོངས་ལ་ཕུལ་བའི་ལྷ་དར་ཡིན།།

ཁ་དགེ་བསམ་འགྲུབ་ཡོང་བའི་སྨོན་འདུན་ཡིན།།

གཤམ་གྱི་閱讀原文དེ་མནན་ན་ནང་དོན་གཞས་དག་ལ་གཟིགས་ཐུབ།
閱讀原文

TAGS: